ཐའི་ལེནཌ་གི་བླམ་ཚུ་དང་མཇལ་ཡོད་པའི་སྐོར།
ང་བཅས་ར་ མི་ག་ར་ལུ་ དམིགས་བསལ་གྱི་ཉིནམ་རེ་འོངམ་ཨིན། དེ་བཟུམ་སྦེ་ ང་ལུ་ཡང་ དམིགས་བསལ་གྱི་ཉིནམ་ཅིག་ཡོད། ངེའི་དམིགས་བསལ་གྱི་ཉིནམ་དེ་ ད་རིས་ཨིན། ད་རིས་ དྲོ་པ་ ང་བཅས་ མཉྫུ་ཤྲི་ཨེས་ཨི་ཨེས་སི་གི་ནང་ལུ་ སློབ་གྲྭའི་དུས་ཚོད་ཚང་ཞིནམ་ལས་ ཟུར་ཐེབ་ཀྱི་དཔེ་ཆ་ལྷབ་མི་ སློབ་ཕྲུག་༤༠ ལྷགཔ་ཅིག་དང་ ང་ར་ ལོ་ཕྱེད་ཆོས་རྒྱུགས་རན་མི་དང་འབྲེལ་ ལྕང་སྒང་ཁ་ལྷ་ཁང་ནང་ སྙན་དར་ཕུལ་བ་སོང་ཡི། དེ་བསྒང་ Thailand ལུ་ཡོད་པའི་ Great Budhha Monestry ཟེར་ས་ལས་ བྱོན་ཡོད་མི་ བླམ་༦ དང་མཇལ་ཡི། བླམ་༦ གིས་ ང་བཅས་ཀྱི་སློབ་ཕྲུག་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ཁོང་རའི་ སློབ་གྲྭའི་མིང་དང་། དཔེ་ཆ་རྩ་འགེངས་ལྷབ་དགོ་པའི་སྐོར་ལས་ བཀའ་སློབ་ཚུ་ གནང་ཡོདཔ་མ་ཚད། ལོ་ཕྱེད་ཆོས་རྒྱུགས་ཀྱི་དོན་ལུ་ ཐུགས་སྨོན་ཡང་གནང་ཡི།
དེ་ལས་ བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་གྲུབ།། ཟེར་སླབ་སྲོལ་ཡོད་དོ་བཟུམ། ཁོང་རའི་ཁ་རྗེ་བསོད་ནམས་དང་འཁྲིལ་ བླམ་ཚུ་ལས་ ཁྱོསམ་ཚུ་ཡང་ ཐོབ་ཅི། དེ་བཟུམ་སྦེ་ ང་ལུ་ཡང་ རྣམ་རྟོག་དཔྱེ་རིག་མེད་པར་ ཨ་ལོ་ཚུ་གི་བརྒྱུད་ལུ་ སྤྱིར་བཏང་གི་ཤེས་ཡོན་བརྒྱ་སྐྱེད་ཀྱི་ལས་རིམ་རྐྱངམ་གཅིག་མེན་པར་ བརྩིམཐོང་ཤེས་ཡོན་གྱི་ལས་རིམ་ འདི་བཟུམ་ བཟོ་མི་འདི་ ལེགས་ཤོམ་ཨིན་ཟེར་གསུང་སྟེ་ ཁྱོསམ་ཅིག་གནང་ཡི། ང་ སེམས་དགའ་མི་དེ་ ང་རང་ལུ་ ཁྱོསམ་ཐོབ་ནི་འདི་གིས་མེན་པར་ ང་བཅས་ཀྱི་སློབ་ཕྲུག་ཚུ་གིས་ ཕྱིའི་རྒྱལ་ཁབ་ཀྱི་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ མི་ཚེ་ནང་ ཤེས་ཡོན་ཁག་ཆེ་ཧིང་གི་སྐོར་ལས་ ཧ་གོ་ནི་འདི་གིས་ཨིན། དེ་འབད་ནི་འདི་གིས་ ངེའི་ཤོས་ཀྱི་ཉིནམ་དེ་ ད་རིས་ཨིན།
དབང་འདུས་རྩེ་ལྷ་ཁང་མཇལ་བ་འགྱོ་ཡོད་པའི་སྐོར།
Learning extends beyond the four walls of a classroom. While classrooms provide the foundation of theoretical knowledge, it is the world outside that truly brings those lessons to life. Confining children to a room for extended periods can often lead to stress and mental fatigue. To promote holistic learning and well-being, Karma Dzongkha Consultancy organized a meaningful and enriching educational excursion to Wangditse Lhakhang with our tuition students.
The trip was not only enjoyable but also a great success, and this outcome would not have been possible without the unwavering support and cooperation of our esteemed parents. We extend our heartfelt gratitude to each of you for your trust and continued encouragement.